当前位置:首页 > 新闻资讯 > 行业新闻
我是分类列表

    外国人用藏语谈论藏族学术

    发布时间:2021-04-15

    浏览次数:458

    3.3.22.jpg

    བརྙན་དང་པོ། 第一集

    བརྙན་གཉིས་པ། 第二集

    བརྙན་གསུམ་པ། 第三集

    བརྙན་བཞི་པ། 第四集



    གདན་ཞུའི་སྐུ་མགྲོན།






    1 བོད་བརྒྱུད་ནང་བསྟན་ཞིབ་འཇུག་སློབ་མ་དང་སྐད་གསུམ་སྨྲ་བ། རིག་འཛིན་དབང་མོ། (ནཱ་ཀཱ་ཨོ་ཨན་རྗི་(Nagao Anju) ཉི་ཧོང་། 






    2 བོད་བརྒྱུད་ནང་བསྟན་སྒྲུབ་ཆེན་དང་འབྲེལ་བའི་འབུམ་རམས་པ་དང་སྐད་གཉིས་སྨྲ་བ། བསྟན་འཛིན་ཆོས་འཛོམས།  (Elizabeth McDougal) ཁ་ན་ཊ། 






    3 མིའི་རིགས་རིག་པའི་འབུམ་རམས་པ་དང་སྐད་གསུམ་སྨྲ་བ། དབྱངས་ཅན་ལྷ་མོ། ( Catherine Hardie ) ཨོ་སི་ཐྲི་ལི་ཡ། 






    4 སེམས་ཁམས་རིག་པའི་མཁས་པ་དང་ནང་ཆོས་ཉམས་ལེན་པ། སྐད་གསུམ་སྨྲ་བ། སངས་རྒྱས་རྡོ་རྗེ། (Andres Larrain) ཡོ་རོབ་སུད་སུ། 






    5 བོད་ཀྱི་རྩིས་རིག་དང་སྐད་བརྡ་རིག་པའི་ཆེད་མཁས་པ། ངག་དབང་ཕྲིན་ལས། ཧྥ་རན་སི། 






    6 རྫ་ཚེ་རིང་བཀྲ་ཤིས། བགྲོ་གླིང་གཙོ་སྐྱོང་བ། 









    བརྗོད་གཞི་དངོས།



    ༡༽ བོད་སྐད་བོད་ཡིག་སྦྱང་བའི་བརྒྱུད་རིམ། 



    ༢༽ བོད་ཡིག་སྦྱངས་རྗེས་བོད་ཡིག་ཐོག་ནས་བོད་ཀྱི་་རིག་གཞུང་གང་གི་ཕྱོགས་ལ་གཅོ་བོར་སྦྱངས་པ།



    ༣ ༽ བོད་ཀྱི་སྐད་ཡིག་རིག་གཞུང་སྦྱངས་པ་བརྒྱུད་མི་ཚེ་དང་བསམ་བློ་ལ་ཁྱད་པར་གང་བྱུང་། 



    ༤༽ གང་ཉིད་ཀྱི་ཁོར་ཡུག་ཏུ་བོད་ཀྱི་སྐད་ཡིག་རིག་གཞུང་ལ་ལྟ་སྟངས།



    ༥༽ བོད་རིགས་གཞོན་སྐྱེས་ཚོས་སོ་སོའི་སྐད་ཡིག་རིག་གཞུང་རྒྱུན་འཛིན་ཐད་དོ་སྣང་གནང་ཕྱོགས་དང་འབྲེལ་བའི་དགོངས་ཚུལ་དང་འབོད་སྐུལ།






    གོ་སྒྲིག་པ། ཡེ་ཤེས་འཁོར་ལོ། 






    སྐུ་མགྲོན་གྱི་མཚམས་སྦྱོར་མདོར་བསྡུས།






    ️༡༽ རིག་འཛིན་དབང་མོ།  (Nagao Anju)






    ངའི་བོད་མིང་ལ་རིག་འཛིན་དབང་མོ་དང་། མིང་དངོས་ལ་ནཱ་ཀཱ་ཨོ་ཨན་རྗི་(Nagao Anju)ཟེར། སྐྱེས་ཡུལ་ཉི་ཧོང་རྒྱལ་ཁབ་ཀྱི་ཀིས་ཧྥོ་(Gifu)རྫོང་ཡིན། 2016ལོར་ཉི་ཧོང་དུ་སློབ་གསོ་རིག་པའི་དངོས་གཞི་སློབ་མ་མཐར་ཕྱིན་རྗེས། གནའ་མཁར་ཟི་ལིང་དུ་ཡོང་ནས་བོད་ཀྱི་སྐད་ཡིག་སྦྱངས། 2018ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་རྒྱུགས་འཕྲོད། ད་ལྟ་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད། 






    ️༢༽  བསྟན་འཛིན་ཆོས་འཛོམས། (Elizabeth McDougal) 



    ངའི་མིང་ལ་བསྟན་འཛིན་ཆོས་འཛོམས (Elizabeth McDougal) ཟེར། སྔར་བཙུན་མ་བྱས་ཏེ་བཀའ་བརྒྱུད་དང་རྙིང་མའི་བཙུན་དགོན་འགའི་ནང་དུ་ལོ་མང་རིང་བསྡད་མྱོང་། ངས་ཉེ་ཆར་རང་བོད་ཡུལ་ནང་ཆེན་གྱི་སྒར་ཆགས་དགོན་ཞེས་པའི་བཙུན་དགོན་དེའི་ཆོས་འཆད་ཉན་སྒོམ་སྒྲུབ་ཉམས་ལེན་གྱི་སྐོར་ལ་ཨོ་གླིང་གི་སི་ཌ་ནི་གཙུག་ལག་སློབ་ཆེན་ནས་འབུམ་རམས་པའི་རྩོམ་བྲིས་བྱས་ཚར་ཙམ་ཡིན། ད་ལྟ་ཨོ་གླིང་སི་ཌ་ནི་ཡི་རང་བྱུང་འཕྲོད་བསྟེན་(ལྷན་སྐྱེས་བདེ་ཐང་) མཐོ་སློབ་ཏུ་དགེ་རྒན་བྱེད་མུས་དང་། རིག་གཞུང་དང་འབྲེལ་བའི་སེམས་ཀྱི་བདེ་ཐང་སྐོར་ལ་ཉམས་ཞིབ་བྱེད་བཞིན་ཡོད། 






    ️༣༽ དབྱངས་ཅན་ལྷ་མོ། ( Catherine Hardie )



    ངའི་བོད་མིང་ལ་དབྱངས་ཅན་ལྷ་མོ་དང་། དབྱིན་ཇིའི་མིང་ལ་Catherine Hardieཟེར། ང་ཨོ་སུ་ཀྲུའུ་ལི་ཡ་ནས་ཡིན། 2018ལོ་ལ་ང་དབྱིན་ཇིའི་ཨོག་སི་ཧྥོར་ཀྲི་སློབ་གྲྭ་ཆེན་མོOxford ནས་མིའི་རིགས་རིག་པའི་འབུམ་རམས་པ་ནས་སློབ་མཐའ་ཕྱིན་པ་ཡིན། ད་ལྟ་ང་ཧོང་ཀོང་ལ་ཤང་ཀང་ཅིན་ཧུའི་སྤངས་སྲིད་སློབ་ཆེན་ནས་དགེ་རྒན་ཆེན་མོའི་ལས་ཀ་བསྒྲུབ་བཞིན་ཡོད། ངའི་ཞིབ་འཇུག་གི་ཁ་ཕྱོགས་ནི་དེང་གི་བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་ནང་ཆོས་སྐོར་ཡིན། ང་ལ་ནང་ཆོས་ཀྱི་ནང་དོན་བོད་སྐད་དང་རྒྱ་སྐད་ནས་དབྱིན་ཇི་ལ་ཡིག་བསྒྱུར་དང་སྐད་བསྒྱུར་གྱི་ཉམས་མྱོང་ཡོད།








    ༤༽ སངས་རྒྱས་རྡོ་རྗེ། ( Andres Larrain )






    ངའི་བོད་མིང་སངས་རྒྱས་རྡོ་རྗེ་དང་། དབྱིན་ཇིའི་མིང་ལ་Andres Larrain ཟེར།  ང་ཕ་ཡུལ་སུད་སུ་ལ་ཡིན། 



    ང་སྤྱི་ལོ་༡༩༩༩ ལོར་རྡ་རམ་ས་ལར་ནམ་མཁའ་རིན་པོ་ཆེ་དང་མཇལ་ཞིང་།  དེ་རྗེས་རིན་པོ་ཆེ་སུད་སུར་གདན་འདྲེན་དང་འབྲེལ། རྒྱལ་ཡོངས་འཛིན་འདུས་སྡེའི་དྲུང་ཡིག་བྱས་པ་ཡིན། 



    སྤྱི་ལོ་༢༠༠༣ ལོར་སུད་སུ་ལོ་སན་གཙུག་ལག་སློབ་གྲྭ་ནས་སེམས་ཁམས་རིག་པའི་ཐོག་ལ་སློབ་མཐར་ཕྱིན་པ་དང་། སྤྱི་ལོ་༢༠༠༤ ལོ་ནས་བལ་ཡུལ་དུ་ཡོང་ནས་བོད་སྐད་སྦྱང་བ་ཡིན། ད་ལྟ་རིན་པོ་ཆེའི་གསུང་སྒྱུར་དང་འབྲེལ་སྤྱི་ལོ་༢༠༡༦ ནས་ རིག་འཛིན་ཐེག་མཆོག་གླིང་གི་ཚོགས་གཙོའི་དང་ནང་ཆོས་སློབ་སྟོན་པ་བྱེད་མུས་ཐོག་དབང་པོ་སྐྱོན་ཅན་གྱི་ཚོགས་པ་དེ་འདྲར་རོགས་པ་བྱེད་བཞིན་ཡོད།











    ༥༽ ངག་དབང་འཕྲིན་ལས།






    ངའི་བོད་མིང་ལ་ངག་དབང་འཕྲིན་ལས་ཟེར། ཧྥ་རན་སིའི་ཕི་རོ་ལྦེན་སི་(Provence) ས་གནས་ཀྱི་ཞིང་གྲོང་གི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་སྐྱེས། བྱིས་དུས་སུ་ས་གནས་དེ་གའི་ནང་པའི་སློབ་གྲྭ་ཞིག་ལ་སློབ་ཞུགས་པ་དང་ལྷན་ལོ་མང་རིང་བ་ཕྱུགས་ཀྱི་རྫི་བོ་ཡང་བྱས། རང་ལོ་༡༦ ལ་སོན་དུས་རྒྱ་གར་ལ་ཕྱིན་ནས་བོད་ཀྱི་སྐད་ཡིག་དང་ལྟ་གྲུབ། སྨན། དུས་འཁོར་ལུགས་ཀྱི་སྐར་རྩིས།  གནམ་རིག་སྐར་རྩིས་བཅས་ལ་སློབ་སྦྱོང་བྱས།



    ༢༠༠༧ལོ ནས་བཟུང་ཤེས་རབ་གླིང་གི་དཔལ་སྤུངས་རིག་གནས་སློབ་གླིང་དཔེ་མཛོད་འགན་འཛིན་དང་། དེ་བཞིན་བོད་སྐད་ནང་སྐར་རྩིས་དང་གནམ་རིག་སྐར་རྩིས་འཆད་ཁྲིད་ཀྱི་དགེ་རྒན་བྱས།  ༢༠༠༩ ལོར་རྒྱ་གར་ལ་ནང་བསྟན་སྲིད་ཞུ་ཁང་གསར་འཛུགས་ཀྱི་འགན་འཛིན་བྱས། 



    ༢༠༡༦ ལོར་ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་མཉམ་ཞུགས་བྱས་ནས་ད་ལྟའི་བར་དེ་ལ་ཕྱག་ལས་གནང་བཞིན་པ་བཅས་ལོ་རྒྱུས་མདོར་བསྡུས།