当前位置:首页 > 新闻资讯 > 行业新闻
我是分类列表

    ཀ་མད་སུམ་ཅུ།

    发布时间:2021-11-22

    浏览次数:4

    640.gif


    གངས་སྐྱེས་སློབ་གསོ་ནི་སྤྱི་ལོ་༢༠༡༤ལོར་དངོས་སུ་བཙུགས་པ་ཡིན་ལ། འདི་ནི་བོད་སྐད་ཡིག་གཙོ་བྱས་ཏེ་བསླབ་ཚན་གཞན་པ་ཟུར་ཁྲིད་བྱེད་པའི་སྣ་འཛོམས་ཅན་གྱི་སློབ་གསོའི་སྡེ་ཁག་ཅིག་ཡིན་པར་མ་ཟད། དྲ་ལམ་ནས་ཐད་གཏོང་རང་བཞིན་གྱི་སློབ་ཁྲིད་བྱེད་པའི་རྣམ་པ་དང་ཡུལ་དངོས་ནས་ཉམས་ལེན་བྱེད་པ་གཉིས་ཟུང་དུ་སྦྲེལ་བའི་སློབ་སྦྱོང་གི་སྟེགས་བུ་ཞིག་ཡིན།  

    གངས་སྐྱེས་དྲ་ལམ་སློབ་ཁྲིད་ཀྱིས་ཟི་ལིང་གྲོང་ཁྱེར་གཙོ་བྱས་པའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཁབ་ཕྱི་ནང་ཀུན་ན་བོད་སྐད་ཡིག་ལ་མོས་པ་དང་དུང་བ་ཟབ་པའི་མི་བུ་དག་ལ་བྱ་བ་དང་དུས་ཚོད།  ས་ཁོངས་དང་འཚོ་སྡོད་སོགས་ཀྱིས་བཟོས་པའི་སློབ་སྦྱོང་གི་བཀག་རྒྱ་བརྟོལ་ཡོད་པར་མ་ཟད། བོད་སྐད་ཡིག་གི་རྨང་གཞི་ནས་མགོ་བརྩམས་ནས་སློབ་སྦྱོང་བྱེད་པར་སློབ་ཞུགས་ཀྱི་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད།



    ཀ་མད་སུམ་ཅུ། གངས་རི་དང་རྩྭ་ཐང་ནས་མཆེད་པའི་སྙན་ཚིག་གི་ཕྲེང་བ།

    ཀ་མད་སུམ་ཅུ། མཐོ་སྒང་དང་སྤང་ཐང་ལ་འཕྲོས་པའི་དུང་མདོག་གི་སྐར་ཚོགས།

    ཀ་མད་སུམ་ཅུ། མཛེས་སྡུག་གི་རི་ལུང་དང་ཡངས་པའི་མཁའ་དབྱིངས་ན་རྩེན་པའི་བྱ་རྒྱལ་ཁྱུང་ཆེན།

    དབྱངས་གསལ་སོ་བཞི། ཁྱེད་ཀྱི་འཛུམ་མདངས་སྙན་པས་ང་ཚོའི་ཚེ་སྲོག་ལ་འོད་སྣང་སྦྱིན།

    དབྱངས་གསལ་སོ་བཞི། ཁྱེད་ཀྱི་བརྩེ་བ་ཟབ་མོས་འུ་ཅག་གི་ལང་ཚོ་ལ་སྟོབས་ཤུགས་སྦྱིན།

    དབྱངས་གསལ་སོ་བཞི། ཁྱེད་ཀྱི་ལྷག་བསམ་དྭངས་མོས་སྒང་བ་བོད་ལ་སྦྲང་ཆར་ཟིལ་མའི་དངོས་གྲུབ་བསྩོལ།

    གངས་སྐྱེས་སློབ་གསོ།

    ང་ཚོས་ཨ་ཕའི་སྲོག་གི་གདམ་ངག་རེ་རེ་སེམས་སུ་ཉར་ནས།

    ཨ་མའི་ཐུགས་ཀྱི་བརྩེ་བ་རེ་རེ་ཡིད་ལ་འཁོར་ནས།

    གྲོགས་པའི་རྒྱབ་ཀྱི་སྐྱོར་མ་རེ་རེ་དང་དུ་བླངས་ནས།

    མདུན་དུ་བསྐྱོད་ཡ།

    图片 8.png