当前位置:首页 > 新闻资讯 > 行业新闻
我是分类列表

    དབྱངས་གསལ་སོ་བཞི།

    发布时间:2021-11-19

    浏览次数:2

    640.gif


    གངས་སྐྱེས་སློབ་གསོ་ནི་སྤྱི་ལོ་༢༠༡༤ལོར་དངོས་སུ་བཙུགས་པ་ཡིན་ལ། འདི་ནི་བོད་སྐད་ཡིག་གཙོ་བྱས་ཏེ་བསླབ་ཚན་གཞན་པ་ཟུར་ཁྲིད་བྱེད་པའི་སྣ་འཛོམས་ཅན་གྱི་སློབ་གསོའི་སྡེ་ཁག་ཅིག་ཡིན་པར་མ་ཟད། དྲ་ལམ་ནས་ཐད་གཏོང་རང་བཞིན་གྱི་སློབ་ཁྲིད་བྱེད་པའི་རྣམ་པ་དང་ཡུལ་དངོས་ནས་ཉམས་ལེན་བྱེད་པ་གཉིས་ཟུང་དུ་སྦྲེལ་བའི་སློབ་སྦྱོང་གི་སྟེགས་བུ་ཞིག་ཡིན།  

        གངས་སྐྱེས་དྲ་ལམ་སློབ་ཁྲིད་ཀྱིས་ཟི་ལིང་གྲོང་ཁྱེར་གཙོ་བྱས་པའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཁབ་ཕྱི་ནང་ཀུན་ན་བོད་སྐད་ཡིག་ལ་མོས་པ་དང་དུང་བ་ཟབ་པའི་མི་བུ་དག་ལ་བྱ་བ་དང་དུས་ཚོད།  ས་ཁོངས་དང་འཚོ་སྡོད་སོགས་ཀྱིས་བཟོས་པའི་སློབ་སྦྱོང་གི་བཀག་རྒྱ་བརྟོལ་ཡོད་པར་མ་ཟད། བོད་སྐད་ཡིག་གི་རྨང་གཞི་ནས་མགོ་བརྩམས་ནས་སློབ་སྦྱོང་བྱེད་པར་སློབ་ཞུགས་ཀྱི་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད།

        བསླབ་ཚན་གྱི་ནང་དོན་ལ་བོད་སྐད་ཡིག་རྨང་གཞི་དང་ཨམ་སྐད།  དབུས་སྐད།  ཁམས་སྐད།  སློབ་འབྲིང་རིམ་པའི་ཤེས་བྱའི་ནང་དོན་ཚུད་པར་མ་ཟད།  རྒྱ་ཡིག་དང་དབྱིན་ཡིག་སོགས་བསླབ་ཚན་གཞན་པའི་རྨང་གཞི་ཤེས་བྱའང་ཡོད།  མ་འོངས་པར་སྤྱི་ཚོགས་རིག་པ་དང་རྩོམ་རིག་རིག་པ།  མཚན་ཉིད་རིག་པ་སོགས་རྒྱུགས་ཆེ་བའི་རིག་གནས་ཀྱི་སློབ་ཁྲིད་བྱེད་འཆར་ཡོད།  ཁྲིད་ཐབས་ལ་སྣོད་བསྟུན་སློབ་ཁྲིད་དང་རིམ་འཇུག་གོང་འཕེལ་ཀྱི་རྩ་དོན་ལྟར་ཕྱོགས་ཡོངས་ནས་སློབ་མའི་སློབ་སྦྱོང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་སློབ་མ་སོ་སོའི་ཁམས་དང་མོས་པ།  རྨང་གཞི་མི་འདྲ་བར་གཞིགས་ཏེ་ཁྲིད་གཞི་བཀོད་སྒྲིག་བྱས་ནས་སློབ་ཁྲིད་བྱེད་བཞིན་ཡོད་པས། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་དང་རྒྱུན་འཁྱོངས་ལ་འགན་ལེན་བྱེད་བཞིན་ཡོད།

         གངས་སྐྱེས་སློབ་གསོས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དར་སྤེལ་དང་སྤུས་ལེགས་སློབ་སྒྲུབ་ཀྱི་ཀུན་སློང་ཡིད་ལ་དམ་པོར་བཅངས་ནས།  ཆེད་ལས་རང་བཞིན་གྱི་དགེ་རྒན་བསྡུ་ལེན་བྱས་ཏེ་བོད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་ཐད་ལ་རང་ས་གནས་ཀྱི་སློབ་མ་རྣམས་ལ་སྟབས་བདེ་ཞིང་སྔོན་ཐོན་ཡིན་པའི་སློབ་སྦྱོང་གི་སྟེགས་བུ་ཞིག་དང་ཁྱད་དུ་འཕགས་པའི་སློབ་སྦྱོང་གི་ཐོན་ཁུངས་ཅིག་མཉམ་སྤྱོད་བྱེད་པར་ཆ་རྐྱེན་བསྐྲུན་ཡོད།

    དབྱངས་གསལ་སོ་བཞི།མ་ཡུམ་གངས་ལྗོངས་ལུང་པའི་ཕྱི་ནང་སྣོད་བཅུད་གཉིས་ཀ་ཁྱེད་ཀྱིས་སྐྱོབ་ལ།

    དབྱངས་གསལ་སོ་བཞི།སྤྱི་བོ་གནམ་བསྟན་གྱི་མགོ་ནག་བོད་པའི་ལས་སྐལ་ཡོད་ཚད་ཁྱེད་དང་འབྲེལ་ཡོད།

    དབྱངས་གསལ་སོ་བཞི།རིག་གནས་ཤིག་ཡུལ་དུས་ཀྱི་སྐལ་བས་འགོག་མི་ནུས་པར་མེ་ལྕེ་བཞིན་མཆེད་པའི་སྟོབས་ཤུགས་ལགས།

    གངས་སྐྱེས་སློབ་གསོ་ནི་ཁྱོད་ཀྱི་དབྱངས་གསལ་སོ་བཞིའི་ངག་སྒོ་ཐོག་མ་ཕྱེ་ས་དེ་ཡིན།


    图片 8.png